༢༠༡༡ གསར་མཛོད།

འཇིགས་བྲལ་རང་དབང་།

༄༅། །ལོ་མང་རིང་མི་འགའ་དང་ཚོགས་པ་འགའ་ནས་ངོས་ལ་ཕྱི་རྒྱལ་ཡུལ་གྲུ་དང་ཧི་མ་ལ་ཡའི་རི་རྒྱུད་ཙམ་དུ་མ་ཟད་ལྡི་ལི་སོགས་རྒྱ་གར་ས་ཁུལ་གཞན་དུ་ཆོས་བཤད་བྱེད་དགོས་པའི་རེ་བསྐུལ་བྱས་བྱུང་ཡང༌། ལས་སམ་རྐྱེན་བཟང་པོ་མ་འཛོམས་སྟབས་ད་བར་ངས་རེ་བསྐུལ་དེ་ངོས་ལེན་མ་བྱས། ལས་བཟང་ངན་གང་རུང་སྨིན་པར་རྐྱེན་ངེས་པར་འཛོམས་དགོས། ངས་རྐྱེན་དེ་གལ་ཆེན་པོ་བརྩི་ཡི་ཡོད། གང་ཡིན་ཟེར་ན། ལས་གནད་དུ་འཁེལ་བར་རྐྱེན་འཛོམས་དགོས་པ་རེད། དཔེར་ན། ཤིང་འབྲས་ཀྱི་ས་བོན་དེ་གནས་མ་འོས་པ་ཞིག་ལ་བཏབ་ན་རྐྱེན་མ་འོས་པ་དེ་ལ་བརྟེན་ནས་འབྲས་བུ་སྐྱེ་ཐབས་མེད་པ་རེད། དེ་འདྲ་སོང་ཙང་ད་ཆ་ལྡི་ལིས་གཙོས་རྒྱ་གར་གྱི་ས་གནས་ཁག་ཏུ་ཆོས་བཤད་བྱེད་རྒྱུའི་ལས་དེ་སྨིན་འདུག་བསམ་པ་བྱུང༌།

ངས་ཨར་ཅ་ན་དང༌། ཨ་བྷི་ཤེག ཨར་ཇུན་བཅས་ལ་ཆོས་བཤད་འདི་གོ་སྒྲིག་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཧི་མ་ལ་ཡའི་རི་རྒྱུད་མ་ཡིན་པའི་རྒྱ་གར་ས་ཁུལ་མ་གཏོགས་གཞན་ས་གནས་མང་པོ་ཞིག་ཏུ་ཆོས་བཤད་བྱེད་མྱོང༌། འདི་འགོ་འཛུགས་ས་ཡག་པོ་ཞིག་ཡིན། འཚོར་བ་བཟང་པོ་ཞིག་མ་བྱུང་ན་ལེགས་པོ་ཡོང་རྒྱུ་མིན་ལ་བློ་ཕམ་ཡོང་ངེས་ཞིག་ཡིན།

ངས་རང་གི་མི་ཚེའི་ནང་བདེ་སྐྱིད་ཀྱི་སྒོ་མོ་ཕྱེ་མི་ཐུབ་མཁན་ཚོར་སྒོ་མོ་དབྱེ་རོགས་བྱེད་ཀྱི་ཡོད། རྒྱ་གར་ནང་ཆོས་ལུགས་འདྲ་མིན་ནས་བརྒྱུད་པའི་རིག་གཞུང་ཟབ་མོ་ཡོད་པར་བརྟེན་འབད་རྩོལ་དེ་ཙམ་བྱེད་མ་དགོས་པ་ལྟ་བུ་ཞིག་རེད། ཧམ་བཤད་དུ་མ་སོང་ན། ངས་སྐྱེ་བ་འདི་ཙམ་མ་ཟད་དཔལ་ནཱ་རོ་པའི་དུས་ནས་བཟུང་ཚེ་རབས་མང་པོར་རྒྱ་གར་གྱི་ཆོས་ཕྱོགས་ཀྱི་རིག་གཞུང་ངའི་རྒྱུད་ལ་འཇགས་ཡོད་ཅེས་བཤད་ནའང་ཆོག་པའི་བློ་སྤོབས་ཡོད། འོན་ཀྱང་ད་ཆ་ཆོས་ཀྱི་ཉིང་ཁུ་དེ་བརླག་ཉེན་ཡོད་སྟབས་གཞོན་སྐྱེས་ཚོར་དྲན་བསྐུལ་བྱེད་གལ་ཆེན་པོ་འདུག ངས་འདི་བྱེད་འདོད་ཅིང༌། གོ་སྐབས་ཐོབ་ན་དགའ་པོའི་ངང་བྱེད་རྒྱུ་ཡིན།

ངས་ཧི་མ་ཡ་ལའི་རི་རྒྱུད་ལ་དྭགས། གར་ཞྭ། ཁུ་ནུ། འབྲས་ལྗོངས། རྡོར་རྗེ་གླིང་སོགས་སུ་ཡུལ་སྐད་ནང་ཆོས་བཤད་བྱས་མང་པོ་བྱེད་མྱོང་ཡང་ལྡི་ལི་ལྟ་བུ་གཡེང་བ་ཆེ་ལ་འགྲན་ཟླ་ཆེ་བའི་གྲོང་ཁྱེར་ནང་དགོས་ངེས་ཀྱི་ཆོས་བཤད་ད་བར་བྱས་མེད། ཧི་མ་ལ་ཡ་དང་གངས་རིའི་ཁྲོད་དུ་སྡོད་མཁན་ལས་གྲོང་ཁྱེར་ནང་སྡོད་མཁན་གཞོན་སྐྱེས་ཚོར་ཆོས་ཀྱི་བསྐུལ་མ་དགོས་པ་རེད། གཞོན་སྐྱེས་ཟེར་དགོས་དོན་ནི་རྒན་རབས་རྣམས་ནི་བཟང་ངན་ཇི་འདྲ་ཞིག་ཡིན་རུང་མི་ཚེ་འཁྱོལ་ཟིན་པ་རེད། གཞོན་སྐྱེས་རྣམས་ཡུལ་ལུང་སོ་སོ་དང་འཛམ་བུ་གླིང་འདིའི་མ་འོངས་མདུན་ལམ་ཡིན། ལྡི་ལིར་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་མང་པོ་ཞིག་བསླེབས་འདུག་པས་དགའ་པོ་བྱུང་།

ཆོས་བཤད་ཀྱི་སྐབས་སུ་མི་བཟང་པོ་ཞིག་ཐུག་བྱུང༌། ཁོང་སུ་ཡིན་ཆ་རྒྱུས་མེད་ཀྱང་ཁོང་དང་ལག་པ་གཏོང་སྐབས་ཟོལ་མེད་ཀྱི་འཚོར་བ་ཞིག་བྱུང༌། དེ་རྗེས་ཁོང་ཉམས་མྱོང་ཆེ་བའི་སྲིད་དོན་པ་དང་རྒྱ་གར་ནང་སྲིད་སྐྱོང་ཐུགས་འགན་ཡུན་རིང་ཤོས་བཞེས་པའི་ཌོག་ཌར་བལ་རམ་ཇཱ་ཀར་ཡིན་པ་ངོ་སྤྲོད་བྱས་བྱུང༌། ཁོང་ནས་སྤྱི་ཚོགས་སྲི་ཞུའི་ཕྱག་ལས་རྒྱ་ཆེན་པོ་གནང་ཡོད་ཚོད་འདུག

འཛམ་གླིང་ནང་ངས་ཆོས་བཤད་སྐབས་ཀྱི་མི་འདུ་འཛོམས་ཉུང་ཤོས་ཤིག་ཡིན་རུང་འཚོར་བ་བཟང་པོ་བྱུང་ལ། དྲི་བ་ཡང་ཡག་པོ་དྲིས་བྱུང༌། སྟབས་མ་ལེགས་པ་ཞིག་ལ་དུས་ཚོད་ཐུང་ཐུང་ཞིག་ལས་མི་འདུག མ་འོངས་པར་འདི་འདྲའི་འདུ་འཛོམས་ཡང་ཡང་བྱེད་དགོས་འདུག ངས་ཆོས་བཤད་སྐབས་བརྗོད་པ་བཞིན་རྒྱ་གར་ནི་ངའི་སྐྱེ་ཡུལ་ཡིན་ཅིང་ལྡི་ལི་ནི་ངའི་གྲོང་ཁྱེར་དགའ་ཤོས་དེ་ཡིན། ལྡི་ལིར་ཆོས་བཤད་བྱེད་པ་དེ་ངའི་སྐྱེ་ཡུལ་ལ་ལེགས་སྐྱེས་ཕུལ་བ་ཞིག་ཡིན་པས་ང་ཚོ་ཡང་ཡང་མཇལ་ཡོང༌།།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། འཇིགས་བྲལ་རང་དབང་།