༢༠༡༡ གསར་མཛོད།

ངའི་ཐུགས་བརྩེ་ཅན་གྱི་བླ་མ་ཞིང་གཤེགས་པ།

༄༅། །དེང་དུས་ཀྱི་འཕྲུལ་རྩལ་ལ་བརྟེན་ནས་ངས་དྲྭ་རྒྱའི་ཐོག་གནས་འཕྲིན་རྦུད་ཙམ་རེ་བཞག་སྟེ་རང་གི་གྲོགས་པོ་དང་སློབ་མ་ཚོར་འབྲེལ་བ་བྱེད་ཐུབ། འོན་ཀྱང་དེས་དུས་ཚོད་ཕྱིར་སློག་མི་ཐུབ་ལ་ངའི་ཐུགས་བརྩེ་ཅན་གྱི་རྩ་བའི་བླ་མ་ཕྱིར་འབོད་མི་ཐུབ།

ང་ལ་དྭགས་ཀྱི་ས་ཁུལ་ཁུག་འཁྱོག་ཞིག་ཏུ་ཆོས་བཤད་བྱེད་ཅིང་ཡོན་ཏན་ཕྲན་བུ་ཡོད་པ་དེ་གཞན་དང་བགོ་བཞིན་ཡོད། གནམ་གཤིས་ལེགས་སྐབས་ངའི་ Blackberry ལག་ཕོན་ལས་ཀ་བྱེད་ཀྱི་འདུག ད་ལམ་ལག་ཕོན་ལས་ཀ་བྱེད་སྐབས་གནས་ཚུལ་ཧོན་འཐོར་བ་ཞིག་འབྱོར་འདུག ཉིན་ཤས་གོང་ངས་རང་གི་ཞྭ་མོ་བརླག་ནས་མ་རྙེད་པའི་རྨི་ལམ་རྨིས་བྱུང་བ་དང༌། དེ་བཞིན་བློ་ཁམས་བདེ་བ་ཞིག་བྱུང་བར་སྨན་པས་སྨན་བཅོས་གང་ཡང་མ་བྱུང༌། རྗེས་སུ་ངའི་ཨ་མས་ངའི་ཐུགས་བརྩེ་ཅན་གྱི་རྩ་བའི་བླ་མ་ཞིང་དུ་གཤེགས་པའི་གནས་ཚུལ་བཤད་བྱུང༌། དེ་ནས་གཞི་ནས་རྨི་ལམ་དང་རྟགས་མཚན་དེ་དག་ངའི་རྩ་བའི་བླ་མ་ཞིང་དུ་གཤེགས་པའི་བརྡ་ཡིན་པ་ཤེས་བྱུང༌། དེ་བར་གང་ཡིན་ཤེས་རྟོགས་མ་བྱུང༌།

འདི་ནི་ཤིནྟུ་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་པ་དང༌། འཁོར་བ་མི་རྟག་པ་ཡིན་པའི་སློབ་སྟོན་ཞིག་ཀྱང་རེད། ཉིན་གཅིག་ང་ཚོ་ཚང་མ་འགྲོ་དགོས་པ་དང༌། མཉམ་དུ་འཁུར་རྒྱུ་ཡོད་པ་ནི་ཆོས་ཀྱི་གོ་རྟོགས་དང༌། ལས། དགེ་སྒྲུབ་བཅས་ལས་མེད། དེ་མིན་ཚང་མ་བཞག་དགོས་པ་རེད། རང་གི་དགའ་བའི་གཉེན། སྡང་བའི་དགྲ། རྒྱུ་ནོར་ལོངས་སྤྱོད། འབྲེལ་བ་བཟང་ངན། ཕ་མ་བུ་ཕྲུག་ཚང་མ་བཞག་ནས་འགྲོ་དགོས་རེད། ང་ཚོ་འཛམ་གླིང་འདི་ནང་ཡོང་དུས་གཅིག་པུར་ཡོང་བ་དང་འགྲོ་དུས་ཀྱང་གཅིག་པུར་འགྲོ་དགོས། མི་ཚེ་ཐུང་ཐུང་འདི་བེད་སྤྱོད་བཟང་པོ་ཞིག་བྱེད་དགོས། གཞན་ལ་རོགས་ཕན་གྱིས་གཞན་དང་འགྲོགས་ཡུན་རིང་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་པ་བྱེད་དགོས།

ངའི་ཐུགས་བརྩེ་ཅན་གྱི་རྩ་བའི་བླ་མ་ནི་བྱམས་པ་དང༌། བརྩེ་བ། སྙིང་རྗེ་བཅས་ཀྱི་དཔེ་མཚོན་དཔག་མེད་ཞིག་ཡིན། བློ་ཕམ་པ་ཞིག་ལ་ཁོང་མཉམ་དུ་དུས་ཚོད་མང་པོ་འདའ་རྒྱུ་མ་བྱུང༌། ཁོང་བཞུགས་གནས་ང་དང་སྐུ་ཉེ་པོ་ཞིག་ཏུ་སྤོས་གནང་བ་དང༌། ང་ལ་ཐེ་ཚོམ་དང་དྭོགས་པ་ནམ་བྱུང་ཡང་ཁོང་གིས་ལམ་སྟོན་སེམས་སྐུལ་གནང་གི་ཡོད། ང་ལ་དྭགས་སུ་ལས་བྲེལ་ངང་ཡོད་སྟབས་དངོས་སུ་བཅར་ནས་གུས་བཏུད་དང་ཞབས་འདེགས་ཞུ་ཐབས་མི་འདུག མ་གཞི་བླ་ཆེན་དང་སྤྲུལ་སྐུ་མང་པོ་ཞིག་ནས་ཞབས་ཕྱི་ཞུ་ཡི་ཡོད་སྟབས་ང་མེད་ནའང་འགྲིགས་ཀྱི་ཡོད་ཀྱང༌། དུས་འདིར་ཞབས་ཕྱི་ཞུ་ཐུབ་ན་རང་ཉིད་ཚོགས་དང་བསོད་ནམས་གསོག་པའི་རྒྱུ་ཡིན་པར་སེམས། ཁོང་ཉིན་ཤས་ཐུགས་དམ་དུ་བཞུགས་པ་དང་ཐུགས་དམ་གྲོལ་རྗེས་དགོངས་པ་རྫོགས་པའི་གནས་ཚུལ་ཕྱི་བསྒྲགས་བྱས་པ་རེད། ངོས་རང་ལོ་ངོ་ ༢༠ ཙམ་ཞིག་ཁོང་བླ་མར་བསྟེན་རྒྱུ་བྱུང་བ་ནི་བསོད་བདེ་ཆེན་པོ་ཡིན་སྙམ།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། ངའི་ཐུགས་བརྩེ་ཅན་གྱི་བླ་མ་ཞིང་གཤེགས་པ།