༢༠༡༢ གསར་མཛོད།

ཁྱིམ་ལ་བསླེབས་པའི་དགའ་སྤྲོ།

༄༅། །ས་ཆ་ཁ་ཤས་ལ་བསླེབས་དུས་དང་མི་ཁ་ཤས་ཐུག་དུས་ཉེ་འདྲིས་ཆེ་བའི་ཚོར་བ་བྱུང་མྱོང་ངམ། ཚོར་བ་འདི་ནི་ལས་འབྲས་སམ། སྐྱེ་བ་སྔོན་མའི་བག་ཆགས་དང་དྲན་ཤེས་ལས་བྱུང་བ་ཞིག་ཡིན། ང་ཚོའི་རྣམ་ཤེས་ཇི་བཞིན་དྲན་ཤེས་དེ་སྐྱེ་བ་ནས་སྐྱེ་བར་རྗེས་སུ་འབྲང་ནས་ཡོང་གི་ཡོད། དེས་ན་ང་ཚོ་ས་ཆ་ཁ་ཤས་ལ་བསླེབས་དུས་དང་མི་འགའ་ཐུག་མ་ཐག་དགའ་ཚོར་ཆེན་པོ་དང༌། ཡང་ན་བློ་བག་མི་ཕེབས་པའི་ཚོར་བ་ཞིག་ཡོང་བ་ཡིན། མི་ཁ་ཅིག་གིས་འདི་ལ་རིག་ཤེས་ཟེར་གྱི་ཡོད་ཀྱང༌། ངས་དེ་ལ་པར་རྗེས་བརྗོད་ཀྱི་ཡོད། ལས་འབྲས་ཁོ་ནས་འདི་ལྟ་བུའི་ཆོ་འཕྲུལ་སྟོན་ཐུབ་པ་ཡིན།

བརྩེ་བ་ {ཧོ་ལི་ཡི་ད་ལྟའི་མིང་} ཧ་ཅང་འཚུབ་པོ་འདུག ཁོ་རང་འབྲུག་གཟུགས་རྩེད་ཆས་དེ་དང་རྩེད་མོ་རྩེ་ཆེད་ཁོས་མི་ཞིག་གི་ཁང་པའི་ནང་ནས་དོམ་གཟུགས་རྩེད་ཆས་ཤིག་འཁྱེར་ཡོང་ནས་ང་ལ་སྤྲད་བྱུང༌། ངས་ངོས་ལེན་མ་བྱས་སྟབས་ཁོས་དོམ་གཟུགས་རྩེད་ཆས་དེ་ངའི་ཉལ་ཁྲིའི་སྟེང་བཞག་སྟེ་འབྲུག་གཟུགས་དེ་རག་ཐབས་བྱེད་ཀྱིས། འདི་ལྟར་ཧ་ལམ་ཆུ་ཚོད་གཅིག་ཙམ་བྱས་སོང༌། ང་ཚོ་སེམས་ཅན་ཕན་ཚུན་འབྲེལ་བ་བྱེད་སྟངས་འདི་འདྲ་ཡིན་ཙང་བརྩེ་སེམས་ཆེན་པོ་བྱུང༌། དེང་སང་མི་ཚོས་འདི་ལྟ་བུའི་འབྲེལ་ལམ་བསྐྲུན་ཐབས་ལ་དུས་ཚོད་འཕྲོ་བརླག་དུ་བརྩི་ཡི་ཡོད་རེད། ང་ཚོར་དུས་ཚོད་མེད་པར་བསམ་ནས་མི་གཞན་དང་འབྲེལ་ལམ་བསྐྲུན་གྱི་མེད་པ་རེད། བསམ་ཕྱོགས་འདི་ཡིས་རྐྱེན་པས་ང་ཚོ་ངང་རྒྱུད་ཐུང་ཐུང་ཆགས་ཀྱི་ཡོད་རེད། གུས་ཞབས་ཀྱི་ཚུལ་དུའམ་ཆབ་སྲིད་ཀྱི་དགོས་དབང་གིས་ང་ཚོས་ཕྱི་ཚུལ་དུ་བཅོས་མའི་རྣམ་འགྱུར་བཟང་པོ་སྟོན་གྱི་ཡོད་ནའང༌། སེམས་གཏིང་ནས་སུ་ལའང་མི་དགའ་བ་དང༌། གང་ལའང་དགའ་གྱི་མེད། ནམ་ཞག་རྒྱུན་དུ་སྐྱོན་བརྗོད་རང་བྱེད་ཅིང༌། གཞན་གྱི་མཚང་སྟོན་རྒྱུར་གྲ་སྒྲིག་ཡོད་རེད། འདི་ནི་ང་ཚོ་བཟང་པོ་མིན་པའི་རྐྱེན་གྱིས་མ་རེད། ང་ཚོར་དུས་ཚོད་མེད་ལུགས་བསམ་པས་གང་དང་ཅི་ཡིས་ཞེ་སུན་བཟོ་ཡི་ཡོད་པས་རེད། ང་ཚོས་མི་ཚེ་ཐུང་ཐུང་དེ་འཕྲོ་བརླག་གཏོང་སྟངས་འདི་འདྲ་ཟེར་གཏོང་གི་ཡོད་རེད། ཁ་སང་ངས་ང་ཚོར་སྐྱེ་བ་རྫོགས་མཐའ་མེད་པ་ཡོད་པ་དེས་ང་ཚོར་རང་གི་ནོར་འཁྲུལ་ཡོ་བསྲང་བྱེད་རྒྱུའི་གོ་སྐབས་ཡོད་རེད་བརྗོད་པ་ཡིན་ན་ཡང༌། ང་ཚོས་མི་ཚེ་འཕྲོ་བརླག་གཏོང་རྒྱུ་མེད། གང་ལགས་ཤེ་ན་ང་ཚོ་ཡང་བསྐྱར་ཐུག་རྒྱུའི་བསོད་བདེ་ཡོད་མེད་བཤད་ཐུབ་ཀྱི་མ་རེད།

མི་ཚང་མས་སོ་སོའི་ལྟ་ཚུལ་དེ་བདེན་པར་འཛིན་པ་ཤེས་བཞིན་ངས་དྲང་བདེན་བྱེད་ཐབས་བྱེད་ཀྱི་ཡོད། ངས་ཕྱོགས་རིས་མེད་པར་ཚང་མའི་བསམ་ཚུལ་ཉན་གྱི་ཡོད། མི་གཞན་གྱི་སྐོར་ཤོད་མཁན་དེ་ཚོའི་ཀུན་སློང་ལ་ངས་བརྟགས་དཔྱད་བྱེད་ཀྱི་ཡོད། གཞན་གྱི་ལོ་རྒྱུས་བཟང་ངན་ཇི་ཡིན་རུང་ཀུན་སློང་དེ་གལ་ཆེན་པོ་རེད། འཛམ་བུ་གླིང་འདིའི་ནང་སེམས་ཚོར་དང་འདོད་པས་ཁེངས་ཏེ་ཡོད་ཅིང༌། ང་ཚོ་ཀུན་ལ་བདག་འཛིན་ཆེན་པོ་ཡོད་རེད། ཕྱོགས་གཅིག་ནས་བལྟས་ན་ཚང་མ་བདེན་པ་ཡིན་པ་དང༌། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ཚང་མ་ནོར་བ་ཡིན། དེ་འདྲ་སོང་ཙང་གྲོགས་པོ་བཟང་ཤོས་དེ་ཡང་དགྲ་རུ་འགྱུར་སྲིད་པ་དང༌། དགྲ་དེ་གཉེན་ལ་འགྱུར་སྲིད་པ་ཡིན། ཡོངས་ཁྱབ་བདེན་པའི་ངོ་མཚར་འདི་ཡིན།

ང་ཚོའི་དྲན་ཤེས་ལ་སྒྲིབ་པའི་ཐིག་ནག་མང་པོ་ཡོད་ཅིང༌། དེ་ཚོ་རྩད་ཆོད་དུས་གློ་བུར་གྱི་དགའ་ཚོར་ཆེན་པོ་ཡོང་བ་ཡིན། བརྩེ་བ་འབྱོར་སྐབས་ངའི་གཉེན་དབང་འདུས་ཐུག་པ་དང་ཧ་ཅང་དགའ་ཚོར་ཆེན་པོ་བྱེད་ཀྱིས། དབང་འདུས་ནི་ཧོ་ལི་ཡི་གྲོགས་པོ་དགའ་ཤོས་ཤིག་ཡིན། བརྩེ་བའམ་ཧོ་ལི་ཡིས་རང་གི་གྲོགས་པོ་དགའ་ཤོས་དེ་ཚོ་དྲན་པ་མཐོང་དུས་ཧང་སངས་པོ་བྱུང༌། ཧོ་ལི་གཟུགས་གཞན་ཞིག་བླང་ནས་ལོག་བསླེབས་པ་རེད། ངས་ཁོའི་མིང་ལ་བརྩེ་བ་དང༌། ཁོའི་སྤུན་དེའི་མིང་ལ་དགའ་བ་བཏགས་པ་ཡིན། རང་གི་བླ་མ་དང༌། གྲོགས་པོ། སློབ་མ། སྐྱེ་བ་སྔོན་མ་ནས་ངོ་ཤེས་པའི་སེམས་ཅན་དང་སླར་ཡང་ཐུག་དུས་ང་ཧ་ཅང་དགའ་ཚོར་ཆེན་པོ་ཡོང་གི་འདུག འདིས་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྐྱར་སྣོན་བྱེད་ཀྱི་འདུག བརྩེ་བ་ལ་བརྟེན་ནས་ང་ཚོ་ཡང་ཡང་ཐུག་གི་ཡོད།

ངས་ཁྱེད་ཚོ་ཚང་མར་མི་ཚེའི་ནང་བརྩེ་བའི་དགའ་བ་ཐོབ་པའི་རེ་སྨོན་བྱེད་ཀྱི་ཡོད།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། ཁྱིམ་ལ་བསླེབས་པའི་དགའ་སྤྲོ།